最新搜索

我心中的依靠 - 本措吉.mp3 在线试听

我心中的依靠 - 本措吉

作词 : 仁增尖措

作曲 : 娘泽加

ཆོལ་གསུམ་བླ་སྲོག་སྐད་དང་ཡི་གེ་གཉིས།

སྲིད་ཇུས་བཟང་པོའི་སློབ་གསོས་བསྐྱངས་ཤིང་སྐྱོང་།

ན་ཆུང་བློ་རིག་འཕེལ་བའི་སྡིངས་ཀ་ཡག

ཤེས་བྱའི་རྒྱ་མཚོ་སྔོན་མོ་གཏམས་སེ་གཏམས།

གངས་ལྡོངས་གཙུག་ལག་སྒྲོན་མེ་སྦར་བའི་གནས།

ང་ཡི་སེམས་ཀྱི་སེམས་ཀྱི་རྟེན་ས།

བོད་རིགས་གདོང་དྲུག་གི

ཁྲི་རལ་མངོན་པར་དགའ་བའི་སློབ་གླིང་ནི་མཛེས་སོང་།

བྱིས་ཆུང་སེམས་པ་དཀར་པོའི་ལམ་སྟོན་དྲང་།

ཉེ་རིང་མེད་བའི་ཐུགས་བརྩེ་སྨིན་ཞིང་སྨིན།

ཉམས་དགའི་ལེགས་བཤད་སྤྲོ་སྐྱིད་འཛུམ་གྱིས་བསུ།

གཙུག་ནོར་དགེ་རྒན་བཟང་པོ་འཛོམས་སེ་འཛོམས།

མདོ་སྨད་གཡུ་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ།

ང་ཡི་སེམས་ཀྱི་སེམས་ཀྱི་རྟེན་ས།

ཤེས་རིག་ནོར་མཛོད་གཏེར།

དཔྱོད་ལྡན་མངོན་པར་དགའ་བའི་སློབ་གླིང་ནི་མཛེས་སོང་།

རིག་བཟང་གུས་ལྡན་བུ་སློབ་འཁྲུངས་སེ་འཁྲུངས།

སྣ་མང་ཤེས་བྱར་བརྩོན་འགྲུས་ཆེ་ཞིང་ཆེ།

རྒན་བཀུར་ཆུང་བྱམས་སེམས་པ་ལྡན་ཞིང་ལྡན།

རང་ཡུལ་འཛིན་སྐྱོང་གོམ་སྟབས་ཐྲིག་གེ་ཐྲིག

ཁྲི་ཀ་རྟེན་རྗོང་བཀྲ་ཤིས་གཡང་འཁྱིལ་དབུས།

ང་ཡི་སེམས་ཀྱི་སེམས་ཀྱི་རྟེན་ས།

ཁྲི་རལ་མངོན་དགའ་གླིང་།

སྟོང་ཆེ་བོད་ཡིག་སློབ་གྲྭའི་དགའ་ཚལ་ནི་མཛེས་སོང་།

ཁྲི་རལ་མངོན་དགའ་གླིང་།

སྟོང་ཆེ་བོད་ཡིག་སློབ་གྲྭའི་དགའ་ཚལ་ནི་མཛེས་སོང་།

དགའ་ཚལ་ནི་མཛེས་སོང་།

00:00 / 00:00
An audio error has occurred.
  1. 1 我心中的依靠 本措吉
歌手:本措吉