作词 : 叶热岗
作曲 : 佐庆丹真
ལམ་གྱི་ཀྱག་ཀྱོག
坎坷的路
ཚིག་རྩོམ་མཁན།གཡེ་རུས་རྐང་།
作词:叶热岗
དབྱངས་རྩོམ་མཁན། རྫོགས་ཆེན་བསྟན་འཛིན།
作曲:佐庆丹真
གླུ་ལེན་མཁན། ཚེ་རིང་ནོར་བུ།
演唱:次仁罗布
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
འཇིག་རྟེན་འཁོར་བའི་འགྲོ་ལམ་རེ་རེར།
སྐྱོ་བ་ཆེ་འདུག་མ་ཟེར།
རང་རང་སེམས་ནས་འཁོར་བའི་དཀའ་སྡུག་ཐུབ་དགོས།
འཇིག་རྟེན་འཁོར་བར་འགྱུར་ལྡོག་ཆེ་ཡང་།
ཞེ་དང་སྣང་བས་འདང་བརྩེ་ངོམ་བཞིན།
རང་རང་འཚོ་བའི་རྨི་ལམ་བརྒལ་འགྲོ
འཇིག་རྟེན་འཁོར་བའི་འགྲོ་ལམ་རེ་རེར།
དཀའ་ཁག་མང་འདུག་མ་ཟེར།
རང་རང་སེམས་ནས་མདུན་ན་བློ་གཏད་རིང་དགོས།
འཇིག་རྟེན་འཁོར་བར་དཀའ་ཁག་ཆེ་ཡང་།
རླུང་དང་བསེར་བུའི་ཙག་ཁ་བརྒལ་བཞིན།
རང་རང་དགའ་བའི་ལམ་ལ་ཞུགས་འགྲོ
འཇིག་རྟེན་འཁོར་བའི་འགྲོ་ལམ་རེ་རེར།
སྙིང་བོ་མི་འདུག་མ་ཟེར།
རང་རང་སེམས་ནས་འཚོ་བའི་ཁ་ཕྱོགས་རྙེད་དགོས།
འཇིག་རྟེན་འཁོར་བ་གྲང་ངར་ཆེ་ཡང་།
གཏམ་དང་མི་ཁའི་འཇིགས་པ་བརྒལ་བཞིན།
རང་རང་སེམས་ཀྱིས་ལམ་ཁ་འཚོལ་འགྲོ
- 1 坎坷的路