最新搜索

你 - 卡哇东智.mp3 在线试听

- 卡哇东智

作词 : 赤龙道

作曲 : 卡哇东智

ཁྱོད།

གཞས་ཚིག ཁྲི་ལུང་རྟོགས།

དབྱངས། ཁ་བ་དོན་གྲུབ།

གཞས་པ། ཁ་བ་དོན་གྲུབ།

གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།

ཁྱོད་ངའི་ཕྱིར་དྲན་གྱི་གངས་ཡིན་དྲན་གདུང་གི་མཚོ་ཡིན།

ཁྱོད་ངའི་དབྱར་ཁ་ཡི་ཆར་ཡིན་དགུན་ཁ་ཡི་ཁངས་ཡིན།

ཁྱོད་ངའི་ཤོར་ཟིན་པའི་སྙིང་ཡིན་དྲན་བཞིན་པའི་མིག་ཡིན།

ཁྱོད་ངའི་སེམས་སོང་གི་མི་ཡིན་ཚེ་གཅིག་གི་ནོམ་ཡིན།།

ཁྱོད་ངའི་མིག་མཐའ་ཡི་ཆུ་ཡིན་སེམས་རྩ་ཡི་སྨྲེང་ཡིན།།

ཁྱོད་ངའི་མཚན་མོ་ཡི་མེ་ཡིན་སྐྱོ་སྡུག་གི་དབྱངས་ཡིན།

ཁྱོད་ངའི་སྟོན་ཁ་ཡི་གནམ་ཡིན་དཔྱིད་ཀ་ཡི་རླུང་ཡིན།།

ཁྱོད་ངའི་སོང་ཟིན་པའི་དབྱར་ཡིན་དྲན་བཞིན་པའི་ཆར་ཡིན།།

ཁྱོད་ངའི་ཞེ་འདང་གི་ཆང་ཡིན་ན་ཟུག་གི་སྨན་ཡིན།།

ཁྱོད་ངའི་ནམ་མཁའ་ཡི་སྤྲིན་ཡིན་ཞེན་ཆགས་ཀྱི་གཞས་ཡིན།།

ཁྱོད་ངའི་ནམ་མཁའ་ཡི་སྤྲིན་ཡིན་ཞེན་ཆགས་ཀྱི་གཞས་ཡིན།།

00:00 / 00:00
An audio error has occurred.
  1. 1 卡哇东智
歌手:卡哇东智